魔鏡歌詞網
魔鏡歌詞網 > 男生歌手 > 扎西曲批 > 阿媽 > 阿媽

扎西曲批



歌詞
專輯列表

扎西曲批

阿媽

ཨ་མ།
ཚིག རབ་བསྟན་བསོད་ནམས་དོན་འགྲུབ།
དབྱངས། བུ་ཚེ་དགའ།
གཞས་པ།བཀྲ་ཤིས་ཆོས་འཕེལ།
དལ་འབྱོར་ལུས་རྟེན་སྦྱིན་བའི་དྲིན་ཆེན་མ།།
ཆོས་ལྡན་བོད་ཡུལ་གཏོང་བའི་དྲིན་ཆེན་མ།།
བྱམས་པས་གཅེས་སྐྱོང་གནང་བའི་དྲིན་ཆེ་མ།།
སྣ་ཆུ་ཁ་ཡི་ཕྱིས་བའི་དྲིན་ཆེན་མ།།
མི་ཙོག་ལགས་པས་ཕྱིས་བའི་དྲིན་ཆེན་མ།།
འདི་ཕྱི་ལས་ལ་དགའ་བའི་དྲིན་ཆེན་མ།།
ཡ་རབས་སྤྱོད་བཟང་བསླབས་བའི་དྲིན་ཆེན་མ།།
བརྩེ་བ་མཚོ་ལས་ཟབ་པའི་དྲིན་ཆེན་མ།།
ཟས་གོས་འཕོང་མེད་སྟེར་བའི་དྲིན་ཆེན་མ།།
འཛུམ་བའི་ཞལ་རས་གནང་བའི་དྲིན་ཆེན་མ།།
སྙན་པའི་དབྱངས་ཀྱིས་བསུས་པའི་དྲིན་ཆེན་མ།།
ཐམས་ཅད་ང་ལ་སྟེར་བའི་དྲིན་ཆེན་མ།།